དཀའ་བ་སྤྱད་ཅིང་བླ་མའི་ཞབས་ཏོག་བསྒྲུབས་ཚུལ།
ཕྱི་ལོ་༡༩༧༡ལྕགས་མོ་ཕག་ལོ་དགུང་གྲངས་༤༥སྟེང་སྤྲུལ་བསོད་ནམས་སྙན་གྲགས་ཀྱིས་རྒྱལ་རོང་པདྨ་བཟང་པོ་ལ་སྔོན་འགྲོ་དངོས་གཞི་དང་བཅས་པ་གསུང་དགོས་ཞེས་པའི་གསུང་ཤོག་དང་བཅས་འབྱོར།དེ་དང་མཉམ་དུ་རྨེ་རུ་མ་རག་ཤུལ་འཆི་མེད།སྒྲུབ་བརྩོན་དགའ་ཁྱི་མ་གསུམ་ལ་སྔོན་འགྲོའི་ཁྲིད་ཁྲིད་ཡིག་དང་བཅས་སྤྲུལ་ཨ་རིག་རིན་པོ་ཆེ་ནས་ཤོད་གསུངས་པ་བཞིན་རྗེ་བླ་མས་ཁོང་རྣམ་གསུམ་ལ་འབུམ་ལྔ་བསགས་སྦྱང་བྱེད་དུ་བཅུག རྗེ་བླ་མས་བདག་གིས་དགེ་འདུན་འདུས་པའི་སྡེའི་དབུ་དེ་ནས་བཙུགས་གསུངས།
公元1971年铁猪年四十五岁时,堪布索南年扎来信要求给嘉绒班玛桑波讲解前行正行,与此同时,活佛要求给麦日玛•绕辛钦美、勤修•嘎杰玛讲解,故尊者给三位一起讲解前行引导文,尽己所会的引导他们修五加行。僧众聚集也自此开始。
སློབ་མའི་འདུ་བ་སྐྱོང་བ་ལ་བླ་མས་བཀའ་ཐོབ་པ་ངེས་པར་ཡོད་དགོས་ཚུལ་དང་། སྨིན་ཁྲིད་རྒྱུད་སྨིན་སྨིན་དུ་སྐྱོང་བ་ནི་གནད་གལ་པོ་ཆེ་ཡིན་པར་བསྟན།
绘示:聚集并护持徒众必须要得到上师开许。以成熟引导成熟相续极为关要。
ཕྱི་ལོ་༡༩༧༢ལོ། རྗེ་བླ་མ་དགུང་གྲངས་༤༦ལོར་ཨ་འཛོམ་རྒྱལ་སྲས་ཀྱི་དངོས་སློབ་ཡེ་ཤེས་རབ་འབར་གྱི་སྐུས་རྗེས་སུ་བཟུང་བའི་ཐང་ལོའི་རྣམ་རྒྱལ་གྱི་སྐུ་མདུན་དུ་སྙིང་ཐིག་གི་རིག་འདུས། ཡུམ་ཀ ཐིག་ལེ་རྒྱ་ཅན། ཀློང་ཆེན་མཛོད་བདུན་སོགས་ཆོས་སྐོར་མང་ཆེན་ཞུས་གནང་བ།
公元1972年四十六岁,在安宗嘉哲亲传弟子、智慧炽然智慧身摄持、名为唐洛囊加的伏藏师之子尊前听受心滴、明集、单妃、明点印、七宝藏等诸多法类。
བླ་མའི་རྗེས་འཇུག་དངོས་སློབ་ལ་ཡང་ཡང་བསྟེན་ནས་གདམས་པ་མ་ལུས་ཐོབ་དགོས་པ་དང་རྗེས་འཇུག་སློབ་མ་ལ་ཡང་བསྟེན་དགོས་པའི་དོན།
绘示:再再依止上师的亲传弟子,需得到无余教授,也需依止随行弟子。
དགོན་ལུང་ནང་དུ་སྨྱུང་གནས་འཚོག་སྐབས་རྗེ་བླ་མས་མི་སྐྱ་ཉི་ཤུ་སུམ་ཅུ་ཙམ་ལ་སྔོན་འགྲོ་རྒྱས་བསྡུས་ཅི་རིགས་རེ་གསུངས།
在贡隆受持八关斋戒时,为聚集的二三十众讲解广略前行。
གདུལ་བྱའི་དོན་ལ་སྒོ་གསུམ་འབད་དགོས་པ་དང་།དགེ་སྡིག་སྤང་བླང་གི་ལམ་བསྟན་པ་འགྲོ་བའི་དོན་ཡིན་པ་དང་གདུལ་བྱ་རིམ་གྱིས་ལམ་ལ་འདྲེན་ཚུལ་དང་གདུལ་བྱ་ཐབས་ཀྱིས་སྐྱོང་ཚུལ་བསྟན།
绘示:为所化需三门精进。开示善恶取舍之道,次第引导所化,以方便护持所化。
དེའི་སྐབས་སུ་སྤྲུལ་ཨ་རིག་རིན་པོ་ཆེ་ནས་རྗེ་བླ་མར་ཀློང་གསལ་ཁྲིད་ཀྱི་གཏིང་དོན་གསུངས།ཐོད་རྒལ་གྱི་སྐབས་རླུང་གདངས་ལ་ཀུན་བཟང་ཡབ་ཡུམ་ཤར་བས་དེ་ལ་སྤྲོ་སེམས་ཤིན་ཏུ་ཆེ་བའི་རྐྱེན་གྱིས་མི་ཤར་བར་གྱུར་གསུངས།
当时活佛仁波切给尊者讲解龙萨引导深义,修持顿超时风相显现普贤佛父佛母,因心生欢喜故再未显现。
བླ་མ་བསྟེན་ཡུན་རིང་བ་དང་གདམས་ངག་ཉན་ཡུན་རིང་དགོས་ཚུལ་དང་། ཉམས་མྱོང་ཟབ་མོ་མ་སྐྱེ་བར་སྒོམ་པ་གཙོ།ཁྲེགས་ཆོད་ཐོད་རྒལ་ལམ་ཉམས་སུ་ལེན་པ་ལ་གཙོ་བོ་སེམས་ཀྱིས་འཛིན་པ་མི་ཤོར་བ་སེམས་ལས་འདས་པའི་ཡེ་ཤེས་རྗེན་ལ་ཕུད་ནས་གྲོལ་བ་གཙོ་ཆེ་བར་བསྟན།
绘示:需要长期依止上师,长期听闻窍诀。未生起甚深道验之间实修很重要。实修直断顿超时,主要心不执著,赤裸超越心之本智而解脱尤为重要。