妙音龙多加参吉祥贤
༼༦༽གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གི་རྣམ་ཐར་ཞལ་ཐང་དུ་བཀོད་པ།
发布时间:2023-08-26
新闻来源:信心花开

དཀའ་བ་སྤྱད་ཅིང་བླ་མའི་ཞབས་ཏོག་བསྒྲུབས་ཚུལ།

修持苦行  承侍上师

ཕྱི་ལོ་༡༩༥༩རྗེ་བླ་མ་དགུང་གྲངས་༣༣ལ་སྤྲུལ་སྤྲུལ་རིན་པོ་ཆེ་ཁྲིམས་ཁང་ལས་ཐར།བླ་སློབ་གསུམ་སླར་མཇལ་འཛོམས་བྱུང་བས་ཤི་གསོན་ངོ་ཐུག་པ་ལྟར་དགའ་སྤྲོ་ཆེ་རུང་རྗེ་བླ་མའི་ཐུགས་ལ་སྐྱེས་མཆོག་དམ་པ་གཞན་རྣམས་ཁྲིམས་ཞབས་སུ་བཞུགས་ཡོད་པས་ད་དུང་ཡང་སེམས་དྭངས་པ་ཞིག་མ་བྱུང་གསུངས།

尊者三十三岁时,活佛仁波切脱离了学习改造,三人又相聚了,如死里逃生般非常高兴。然而其他高僧大德仍在其中,心中又难以释怀。

བླ་སློབ་ཁ་བྲལ་ཡང་ཤུལ་དུ་བསྟན་པ་འཛིན་སྐྱོང་བྱེད་པ་ལ་དཔའ་ཞུམ་མེད་པ་དང་།དམ་ཚིག་ལ་འདས་གྲོངས་མེད་གསུངས་པའི་དོན།

绘示:师徒虽分离,然护持教法未失勇心,誓言无有寂灭之义。

6.jpeg

ཕྱི་ལོ་༡༩༥༩ལོ། རྗེ་བླ་མ་ཉིད་དགུང་གྲངས་༣༣ས་མོ་ཕག་གི་ལོར་ཨ་སྐལ་ཉི་མ་ལ་སྙུང་གཞི་ཐེབས་ནས་ཞལ་ཆེམས་ལ། བདག་ནི་འཆི་ངེས་རེད། ཁྱེད་ལ་ཁྲོཾ་དགེ་ཨ་རིག་རིན་པོ་ཆེ་འདྲ་བའི་བླ་མ་ཞིག་རྙེད་རྒྱུ་མེད། ཁྲོཾ་དགེ་ཨ་རིག་རིན་པོ་ཆེར་ཁྱེད་འདྲ་བའི་སློབ་མ་ཞིག་རྙེད་རྒྱུ་མེད། ཁྱེད་གཉིས་ཕན་ཚུན་ཁ་མ་བྲལ་དང་། ཁྱེད་གཉིས་ལ་སྐྱིད་པོ་འོང་རྒྱུ་ཡོད་གསུངས།དེའི་ཕྱི་ཉིན་ཨ་སྐལ་ཉི་མ་དགོངས་པ་ཆོས་དབྱིངས་སུ་གཤེགས། སྤྲུལ་རིན་པོ་ཆེ་བྱོན་ནས་ཐུགས་དམ་བཞུགས་མི་འདུགགྲོལ་ཚར་གསུངས་ནས་འདས་རྗེས་ཀྱི་རིམ་པ་རྣམས་ཅི་འབྱོར་བསྒྲུབས། དེ་རྗེས་དགོན་ལུང་ཆུ་ཁ་རུ་འདུག་མ་ཆོག་པར་རྗེ་བླ་མའི་ཞལ་ནས་སྤྲུལ་ཨ་རིག་རིན་པོ་ཆེ་ལ་བདག་གི་མོ་དང་བསམ་བློ་ལ་རང་ཡུལ་དུ་སོང་ན་དགའ་ཤས་ཆེ་ཞུས། ཁྱེད་ཀྱིས་ཤེས་བདག་གིས་ཆོས་སྐྱོང་ལ་འཕྲིན་བཅོལ་བྱེད་གསུངས།སྤྲུལ་ཨ་རིག་རིན་པོ་ཆེ་ཁྲིམས་ཞབས་ནས་ཞབས་རྐང་ཞ་ཤོར་བའི་རྐྱེན་གྱིས་རྗེ་བླ་མ་སྤུན་གཉིས་དང་གཞན་སློབ་བུ་གྲོགས་དང་བཅས་ཀྱིས་རྐང་ཁྱོགས་བྱས་ཏེ་རང་ཡུལ་སྲིན་མོའི་རྒྱབ་དུ་ཕྱག་ཕེབས།

阿嘎尼玛得了重病后留下遗言“我肯定会死”,对尊者说“如昌根仁波切一样的上师难以寻觅”,对阿瑞仁波切说“如阿秋一样的弟子也难以寻觅”,“你们俩不要分离,你们以后会很幸福”。藏历土猪年尊者三十三岁时,阿嘎尼玛密意消融法界,活佛仁波切说:“在等持中,已解脱。”尽量成办了寂后事务。之后不让住在贡隆且卡,我占卦思考后,“回到家乡好”,如是禀告活佛仁波切。活佛仁波切说:“你自己想什么就做什么吧,我已经嘱托了护法。”改造期间活佛仁波切双腿落下残疾,尊者兄弟俩和其他弟子做了两根拐杖。返回家乡真姆地。

རྡོ་རྗེ་མཆེད་གྲོགས་ཀྱི་བཀའ་དྲིན་ལས་བླ་མ་དང་འབྲལ་མེད་ལ་ཡར་བསྐུལ་ཐེབས་པ་དང་།གྲོགས་བཟང་པོ་བསྟེན་དགོས་ཚུལ་དང་འཆི་བ་ཆ་མེད་ཡིན་པ།འཆི་ཁར་གྲོལ་བྱེད་ཀྱི་གདམས་པ་སྔར་ནས་ཚགས་སུ་ཚུད་དགོས་པ་དང་།ཚེ་འདིར་གྲོལ་བའི་གང་ཟག་གི་མཚན་གཞི།འདས་རྗེས་ཀྱི་རིམ་པ་གང་ཟག་ཐ་མལ་པ་ལྟར་བསྒྲུབས་ན་རྒྱུད་ལུང་གི་དགོངས་པ་དང་འགལ་བ་མེད་པ་བསྟན།འཇིག་རྟེན་པ་ལྟར་དུ་མཛད་དེ་རང་དོན་ལ་འཇིགས་སྐྲག་སྔངས་སེམས་མེད་ཀྱང་།ཆོས་ལ་བར་ཆད་མེད་ཕྱིར་དུ་འཇིག་རྟེན་དང་བསྟུན་དགོས་པའི་དོན།

绘示:金刚道友的恩德所致,与上师不分离作鼓励。故需依止善友。死时不定,死时解脱的教授需提前掌握。即身解脱的补特伽罗之事相。寂后之次第事务如庸俗般成办,与续教密意不相违。外似世间人行,然自利无惧。令法无有障碍故,需相应于世间。

6(1).jpeg

དེ་ནས་ཡུལ་མིས་གནས་ཚུལ་བུད་ནས་ལས་བྱེད་གཉིས་ལ་ཁྲིམས་ཆད་ཕོགམི་དྲུག་རི་ལ་བྲོས།དེའི་རྐྱེན་གྱིས་འཇིགས་སྐྲག་སྡུག་བསྔལ་ཚད་མེད་མྱངས། རུ་བ་སྲིན་མོའི་ཁོག་ནས་ཁྲོམ་ཐོག་ཏུ་སླེབས། སྤྲུལ་རིན་པོ་ཆེའི་སྐུ་སྲོག་སྐྱོབ་ཕྱིར། རྗེ་བླ་མ་ཉིད་ཀྱིས་ལྡུམ་རིགས་བརྐོས་ནས་མིག་དཔེ་ཐོན་པ་བྱུང་། དེ་དུས་ཟ་རྒྱུ་མེད་པའི་རྐྱེན་གྱིས་མི་ཤི་བ་སོགས་མང་དུ་བྱུང་། གླང་བྲག་ཏུ་རྗེ་བླ་མས་ཡུང་མ་དང་བྲ་བོ་འདེབས་སླད་ས་རྒོད་བཏུལ། ཟས་ཁང་བརྩིགས་པས་གཡས་ཕྱོགས་འགྲུབ་ཚེ་གཡོན་ཞིག གཡོན་བརྩིགས་ཚེ་གཡས་ཞིག་པ་སོགས། དཀོན་མཆོག་གི་ཐུགས་རྗེས་བརྩིགས་ཐབས་མ་འགྲིགས། སྤྲུལ་ཨ་རིག་རིན་པོ་ཆེའི་སྐུ་སྲོག་སྐྱོབ་ཕྱིར་རྩྭ་སྲུང་ལ་ཟླ་བ་ཁ་ཤས་བཞུགས། སྤྲུལ་རིན་པོ་ཆེའི་ཁ་བཞོས་མཛོ་མོ་ཁྲ་ཁྲ་ཞིག་ཡོད་པ་དེ་བཀའ་ལོག་ཅིག་གིས་བརྐུས་སོང་བས། སྤྲུལ་རིན་པོ་ཆེ་དགུང་ལོ་མཐོ་བས་གསོལ་ཞོ་མེད་པས་དཀའ་སྡུག་དཔག་མེད་མྱངས།དེ་ལྟར་རྗེ་བླ་མས་ལོ་བདུན་ཕྲག་གི་བར་དུ་ཉིན་གཅིག་ཀྱང་དལ་ཁོམ་མེད་པར་སྤྲུལ་རིན་པོ་ཆེའི་སྐུ་སྲོག་འཚོ་སྐྱོང་མཛད།

家乡出了事,两位干部死于非命,六人逃跑,以此起现了难以忍受的压力,牧民们从真姆库搬到昌托。为了保护活佛仁波切,尊者采挖许多野菜,成了大众的榜样。当时因没有食物,很多人死亡。要求在朗扎开荒种植蔓菁和荞麦并修建食堂,用草皮砌墙时,左边砌好右边又倒了,右边砌好左边又倒了,三宝大悲加持,食堂未能继续修建。七年中昼夜不间断地保护活佛仁波切并照料起居。为了保护活佛仁波切,看护了几个月的草场。当时活佛仁波切有一头杂色犏母牛被还俗者盗走,活佛年事已高,离不开牛奶,因此更加艰难。

ལྟོགས་སྐོམ་གྱིས་ཐམས་ཅད་སྡུག་བསྔལ་མནར་བ་སོགས་ཡུལ་རྐྱེན་གྱིས་སྡུག་བསྔལ་འཕྲད་ཀྱང་དེ་ཐམས་ཅད་ཕན་པ་ལས་གནོད་སྐྱེལ་བའི་རྒྱུ་རུ་མ་སོང་བ་ནི་དམ་པའི་སྐྱེས་བུ་ཡིན་པའི་དོན་དང་ལམ་ཞུགས་པ་ཞིག་མནར་རབ་ཏུ་མནར་ཡང་མོས་གུས་ལ་འགྱུར་བ་མེད་པ་དང་ཉོན་མོངས་པའི་ཡུལ་དབང་ལ་ཤོར་མེད་པའི་དོན། ད་དུང་སྙིང་རྗེ་བའི་ཡུལ་དུ་བཟུང་བའི་དོན་བསྟན།

绘示:境缘带来痛苦,饥渴令众痛苦逼迫,然一切皆成利益、未成损害之因,此乃圣者之相。入道者再如何被逼迫,然敬信无有变化,也未被烦恼所缚,仍视为悲悯之境。

6(2).jpeg

འགོ་ཁྲིད་ལ་སྡུག་བསྔལ་བཤད་པས་སྔར་གྱི་མཛོ་མོ་ཡང་ཕྱིར་ལོན། དཔོན་སློབ་གཉིས་ལ་ཤིན་ཏུ་སྡང་བའི་ལས་བྱེད་གཅིག་གིས་ཐབས་དུ་མའི་སྒོ་ནས་ཁྲིམས་ཁང་དུ་བཅུག་ཐབས་བྱེད་ཀྱང་།རྒྱུ་འབྲས་ཀྱིས་ཁོ་རང་ཁྲིམས་ཁང་དུ་ལོ་ལྔའི་བར་དུ་སྡོད་དགོས་བྱུང་བས་རྐང་མགོ་གཉིས་ཆད་ནས་མཐར་སྤྲུལ་རིན་པོ་ཆེའི་མདུན་དུ་འགྱོད་བཤགས་བྱེད་སྐབས་ཡིག་བརྒྱ་མང་དུ་རྡོ་ལ་བརྐོས་གསུངས།རྗེ་བླ་མ་དགུང་གྲངས་༤༠མེ་ཕོ་རྟ་ཡི་ལོར་རུ་བ་དགོན་ལུང་དུ་བསྡད། བླ་སློབ་གཉིས་ཀྱང་དེར་བཞུགས། ཁྲིམས་ཅུང་ཙམ་ལྷོད་ཀྱང་ཆོས་ལུགས་ལ་ཧ་ཅང་གནག་པས་ཡི་གེ་དང་ལྷ་སྐུ་དོ་བོ་བཅུ་དྲུག་ཙམ་སྦས་སྐུང་མཛད་དགོས་པས་ཉིན་མཚན་ཀུན་ཏུ་དཀའ་ཚེགས་མང་ཙམ་བྱུང་བ།

把艰难的情况向干部反映之后,那头犏母牛找回来了。对尊者两人怀恨在心的一位干部想尽办法让他们进监狱,然因果不虚,最终那位干部自己蹲了五年监狱,在狱中两条腿断了。后在活佛仁波切尊前忏悔,活佛让他刻百字明石。公元1966年火马年四十岁,住在贡隆时政策稍许放宽了,然宗教信仰仍未开放,因此经常埋藏经书佛像共十六袋,需要不分昼夜劳累辛苦。

གཞན་གྱིས་ལོག་སྒྲུབ་བཟོད་ནུས་པ་ནི་ཆོས་པ་རྣམ་དག་གི་རང་རྟགས་དང་།ད་དུང་ཡང་དེའི་རྣམ་སྨིན་སྦྱོང་བར་བཟོད་གསོལ་བཞེས་པ་ནི་སེམས་ཅན་བློས་མ་བཏང་བའི་དོན་ཡིན། བསྟན་པ་འཛིན་སྐྱོང་སྤེལ་བ་ལ་དཔའ་མི་ཞུམ་པར་ཐུགས་སྟོབས་ཆེར་བཞེས་གནང་དགོས་པ་དང་།སྐུ་གསུངཐུགས་རྟེན་ནི་བསྟན་པའི་བཙས་དང་འགྲོ་བའི་མཆོད་རྟེན་ཡིན་པས་སྲུང་སྐྱོབ་བྱེད་པ་གལ་ཆེན་བསྟན་པ། རྒྱལ་བའི་བསྟན་པ་ཡུན་དུ་གནས་པ་དང་དར་རྒྱས་འགྲོ་དགོས་ན། སྐུ་རྟེན། གསུང་རྟེན། ཐུགས་རྟེན། ལྷག་པར་སངས་རྒྱས་ཀྱི་འདྲ་འབག་དམ་ཆོས་ལུང་རྟོགས་གཉིས་དར་དགོས་པའི་དོན་བསྟན།

绘示:能忍受他人的歪曲是真正的修行者相。令异熟果报清净而作宽恕是没有舍弃众生之相。对教法护持盛需要极大毅力。三所依是教法之基和众生的供依,对此作保护极为重要。

6(3).jpeg