妙音龙多加参吉祥贤
༼༥༽གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གི་རྣམ་ཐར་ཞལ་ཐང་དུ་བཀོད་པ།
发布时间:2023-08-25
新闻来源:信心花开

དཀའ་བ་སྤྱད་ཅིང་བླ་མའི་ཞབས་ཏོག་བསྒྲུབས་ཚུལ།

修持苦行  承侍上师

ཕྱི་ལོ་༡༩༥༧རྗེ་བླ་མ་དགུང་གྲངས་༣༡ལོར་དུས་ཀྱི་འུར་ཟིང་ཆེ་བས་བླ་སློབ་རྣམས་ས་གནས་གཞན་སྐྱིད་དྲིས་མ་ཟེར་བའི་ནགས་ཅུང་ཙམ་ཡོད་པ་དེའི་ནང་དུ་བཞུགས།སྤྲུལ་ཨ་རིག་རིན་པོ་ཆེའི་ཞལ་ནས་རུ་བ་རྣམས་ཀྱི་རྗེས་ནས་མི་སྙེགས། རང་སྡུག་རང་གིས་མ་ཉོས་ན་དགའ་གསུངས་ནས་བཞུགས་པ།

尊者三十一岁时,为了更加清净修行,搬迁住在名为杰至玛的树林中。活佛仁波切说跟不上游牧民,最好不要自讨苦吃,所以住在了那里。

རང་བྱས་ལས་ལ་བཟུར་མེད་ཡིན་པས་དེ་བས་ལས་བསགས་པ་མྱོང་བ་ཡིན་ཚུལ།ཆགས་སྡང་གི་རྗེས་རྒྱུག་མི་རུང་། རང་གིས་དམ་ཆོས་སྒྲུབ་པར་དབེན་པར་བསྟེན་དགོས་ཚུལ།

绘示:自己造作的自己承受、无法躲避。是自己造的业,不可随之而嗔恨。自己修持正法要依止寂静处。

5.jpeg

སྐྱིད་དྲིས་མར་བཞུགས་སྐབས་རི་བུད་མང་དུ་རྐྱེན་ལམ་དུ་སོང་།རྗེ་བླ་མས་ནགས་ཤིག་གི་འོག་ཏུ་ཐུན་བཅད་ནས་བཞུགས། ཅུང་ཙམ་གཟིམས་སོང་བ་དང་། མནལ་སད་ཚེ་ཕར་ཚུར་ན་རི་བུད་རྩད་གཅོད་པ་མང་ཆེན་ཐོན་པར་རྗེ་བླ་མའི་ཐུགས་དགོངས་ལ་སྤྲུལ་རྣམ་གཉིས་རྩད་གཅོད་པའི་ལག་དུ་ཤོར་ན་ང་རང་ཤུལ་དུ་ལུས་པ་ལ་དོན་དགོས་མེད་དགོངས་ནས་བཅར།རི་བུད་རྩད་གཅོད་པས་གཞན་དང་ནོར་ནས་རྒྱབ་ལག་བཅིངས་ནས་ནགས་ཤིག་ལ་བཏགས། ནུབ་དེར་རྗེ་བླ་མས་དཀོན་མཆོག་ལ་གསོལ་འདེབས་དང་ཡི་དམ་གང་རུང་བསྙེན་ནས་ནམ་མ་ལངས་བར་བཞུགས།ནམ་ལངས་དུས་རྗེ་བླ་མས་ཧ་བོ་ཞེས་བརྗོད་པས་བཀྱིག་ཐག་བཀྲོལ་ཡང་རྒྱབ་ལག་བྱས་པའི་རྐྱེན་གྱིས་ཕྱག་མདུན་དུ་ལེན་དཀའ་མོ་རེད་འདུག་གསུངས། དེ་རྗེས་ཕྱག་ལག་སྔོན་དུ་བཞག

在杰至玛时,有一天,尊者在一棵树下打坐,稍许睡着了,醒来时看到周围有很多寻找牧民的人,“两位活佛可能在他们手中,我自己留在此处没有任何意义”,想到此,就跟随来到他们住处。当晚尊者受到很大的委屈,整夜祈祷三宝并念诵诸多本尊心咒直到天亮。天亮时尊者叫了一声“哈呜”,此后一个人帮助尊者的手放在前面。

རང་ཉིད་ལ་བྱང་ཆུབ་ཀྱི་སེམས་ཡོད་པ་དང་དཀོན་མཆོག་ལ་དད་པ་ཡོད་ན་བདུད་ཀྱི་བར་ཆད་ཀྱང་མི་ཚུགས་པའི་དོན། ཤིང་གི་ཡལ་ག་ལ་གནམ་དཔྱང་བྱས་ཀྱང་སེམས་ཁྲོ་བ་མེད་པ་དང་།བསྙེན་སྒྲུབ་ལྷོད་མེད་དགོས་པ་ནི་ཆོས་པའི་དོན་ཆེན་ཡིན་ཚུལ་བསྟན་པ་དང་རང་ཉིད་ལ་བྱམས་སྙིང་རྗེ་ཡོད་ན་མི་སུ་ཡིན་ཡང་གུས་བརྩི་བྱེད་འོང་བ་དཔེར་ན།སྐྱེལ་མ་དགྲ་ལ་བཅོལ་ན། །འཇིགས་མེད་ལམ་ལ་སྐྱེལ་ཡོང་།།གསུངས་པ་ལྟར་དགྲ་ཞེས་པ་ཁྲོ་བའི་ཡུལ་དུ་མ་འཛིན་ཞེས་པའི་དོན།

绘示:若自身具足菩提心并对三宝具足信心,无法被魔的障碍所缚。虽被吊在树上,但没有嗔恨心。需不间断念通心咒,此乃修行者之极重要。若自身具足慈悲心,任何人都会对你恭敬爱戴,如同嘱托怨敌护送而顺利通过险道般,不能将怨敌执为嗔恨的对境。

5(1).jpeg

དེ་རྗེས་རྩད་གཅོད་པས་རྩམ་པ་སྒྲོ་བ་གང་གུར་ཞིག་གི་ནང་དུ་བླུགས་ནས་རྗེ་བླ་མ་ལ་ཁུར་དུ་བཅུག ལྷམ་དང་ཅ་ནེ་བཅས་ཁྱེར་ནས་ཡར་ཅུང་ཙམ་ཕེབས་པ་དང་རྩད་གཅོད་པས་ཤིང་གི་ཡལ་ག་བཅད་ནས་བསྡད། དེ་རྗེས་ལམ་བར་དུ་རི་བུད་ཀྱི་བསྔོ་འབྲེལ་ཁུར་མི་གཉིས་དང་ཐུག་པས། དེ་གཉིས་ཀྱིས་ཁྱེད་ཀྱི་བླ་མ་ཡིན་པ་འདྲ། འོ་བརྒྱལ་ཆེན་པོ་ཚོར་འདུག་ཞུས། སྤྲུལ་རྣམ་གཉིས་བཞུགས་ཡོད་པ་གསན་ནས་དགའ་སྤྲོ་ཚད་ལས་འདས་པ་བྱུང་གསུངས།

之后,他们把一袋糌粑放在帐篷中让尊者背着,带着鞋和碗等走了一段路。途中遇见为牧民们供养回向文的两人,他俩说:“那好像是你的上师,很辛苦。“当听到两位活佛还健在,尊者非常高兴。

རང་རྒྱུད་ལ་ཞེ་སྡང་མེད་ན་ཡུལ་ཀྱིས་ཀྱང་གནོད་པ་མེད། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་ཞེས་པའི་དོན་དང་སྡུག་བསྔ་ལ་ཁུར་ཁྱེར་གྱིས་གཞན་རྣམས་སྡུག་བསྔལ་ལ་གདོང་ལེན་ལེགས་པོ་བྱེད་ཤེས་དགོས་པར་བསྟན།

绘示:心善地道善。需会善巧代受別人的痛苦。

5(2).jpeg

རྩད་གཅོད་པས་ཨ་འཛོམ་སྒར་དུ་སྤྲུལ་རྣམ་གཉིས་ཀྱི་སར་ཁྲིད།རྗེ་བླ་མའི་གཡོན་དུ་སྤྲུལ་ཨ་རིག་རིན་པོ་ཆེ་བཞག ཨ་སྐལ་ཉི་མ་གཅེར་བུར་ཕྱུང་བ་ལ་སྤྲུལ་ཨ་རིག་ལ་གོན་རྒྱུ་ཞིག་གནང་རོགས་ཞུས། སྤྲུལ་སྐུ་ལ་ན་བཟའ་མནབ་འགག་དང་མནབ་སྟོད་ལས་གཞན་མེད་ཀྱང་། མནབ་སྟོད་དེ་གནང་། ཨ་སྐལ་ཉི་མ་རྗེ་བླ་མའི་གཡས་སུ་གཞག ཕྱི་ཉིན་ནངས་མོ་སྤྲུལ་ཨ་རིག་རིན་པོ་ཆེས་ཞལ་འདོན་གསུངས་ཀྱང་འོ་བརྒྱལ་གཏད་པའི་རྐྱེན་གྱིས་གསུངས་དཀའ་མོ་བྱུང་བར། རྗེ་བླ་མར་ཆུ་ཞིག་མི་ལོན་ན་གསུངས་།རྗེ་བླ་མས་གཞན་མི་དག་གི་ཁ་ལག་བཀྲུ་བྱེད་ཀྱི་ཆུ་ཁོལ་ཞིག་འདུག་པ་དེར་ཕོར་བ་བཟེད་གནང་བར་ཆུ་གང་བླུགས་པ་དེ་སྤྲུལ་ཨ་རིག་རིན་པོ་པོ་ཆེ་ལ་དྲངས། ཨ་སྐལ་ཉི་མ་ལ་འབྲས་ལྷག་དང་ཕག་ཀོ་དྲངས་པ།

之后尊者被带到安宗寺、两位活佛身边。左边是阿瑞仁波切,右边是阿嘎尼玛,阿嘎尼玛没有衣服穿,请求活佛赐予一件,当时活佛仁波切也只穿了一件长褂和上衣,把上衣赐给了他。第二天早晨,活佛仁波切作念诵时因之前过度劳累,很难念诵。“能不能给我一点水喝?”尊者看见洗漱时用的开水,就要了一碗让活佛仁波切饮用,给阿嘎尼玛食用了剩饭和猪皮。

སེམས་ཅན་གཞན་ལ་གནོད་ལན་ལྟ་ཅི་བྱེད་བསམ་ཙམ་ཡང་མེད་པར་བསྟན་པ།

绘示:对其他有情不要说损害,连恶心都未起。

5(3).jpeg

སྐད་བསྒྱུར་བ་ཞིག་གིས་རྗེ་བླ་མ་འགོ་དཔོན་རྩར་ཁྲིད་ནས་ཡོད་མ་མྱོང་བའི་ཅ་ལག་རྣམས་དང་བྱ་སྤྱོད་ཀྱང་ཡོད་མ་མྱོང་བ་དེ་རྣམས་འདྲི་རྟོག་བྱེད་སྐབས། རྗེ་བླ་མ་ལ་དེ་སྐབས་ཐུགས་ཐག་ཆོད་པ་ཞིག་བྱུང་བས། ངེད་རྣམསལ་གནས་ཚུལ་གཅིག་ཡོད་ན་ང་ལ་སྲོག་ཆད་གྱིས་དང་ཞེས་གསུངས། དེའི་སྐབས་རྗེ་བླ་མར་བརྩེ་བའི་ན་གཞོན་ཞིག་ཡོད་པ་དེས་རྗེ་བླ་མའི་གསོལ་ཕོར་ནང་དུ་མར་དང་རྩམ་པ་གང་།ཇ་ཚ་དེམ་གང་བཅས་ཁུར་ནས་བྱུང་།རྗེ་བླ་མས་ཇ་ཕོར་བ་དོ་གསུམ་ཙམ་བཞེས། སྤྲུལ་རྣམ་གཉིས་ཉིན་ཞག་ལྔ་ཙམ་གྱི་རིང་ལ་གསོལ་ཇ་ཇི་བཞིན་མ་རག་པས། རྩམ་རིལ་དང་ཇ་བཅས་དྲང་དགོས་དགོངས་ཀྱང་། བཞུགས་ཡོད་མེད་མ་ཤེས་པས་སེམས་སྡུག་བཟོད་མེད་བྱུང་གསུངས། ཨ་འཛོམ་ཚང་གིས་ཞབས་ཞུ་བཀའ་དྲིན་ཆེན་པོ་བསྐྱངས་པ།

当时,盘问了他们未曾有过的东西和从未做过的事。尊者坚定的回答对他们很满意。之前对尊者很关心的那位年轻人带来一暖瓶茶水和一满碗糌粑酥油,喝了两三碗茶。而两位活佛五天五夜中未能饮食,尊者想给他们供养茶和揉好的糌粑团,但也不知道在不在,非常伤心。安宗寺对他们作了承侍,赐予了恩德。

ཕར་བྱམས་ན་ཚུལ་ལ་གནོད་པ་མེད་པ་བསྟན།

绘示:若对他人慈爱,则不会受其损害。

5(4).jpeg

སྐབས་དེར་རྩད་གཅོད་པ་རྣམས་སོང་།  ཨ་འཛོམ་སྐུ་གཉེར་རྣམས་ཀྱིས་བརྩེ་བས་ཟས་གོས་སོགས་བཀའ་དྲིན་གནང་། ལོ་གཉིས་ཙམ་ལ་ཨ་འཛོམ་སྒར་དུ་བཞུགས། རྒྱལ་སྲས་རིན་པོ་ཆེའི་མདུན་ནས་འབྲུག་པའི་སྙན་བརྒྱུད་ཀྱི་ཁྲིད་ཡིག་ཞུས་ཀྱང་མཐར་མ་ཕྱིན་གསུངས། ཡེ་ཤེས་བླ་མ། གཞན་སྒྱུའཕྲུལ་ཞི་བའི་དབང་། ཕུར་བ་རྒྱུད་ལུགས་ཀྱི་དབང་། ཀུན་མཁྱེན་ཆེན་པོའི་གསང་འགྲེལ་ཕྱོགས་བཅུའི་མུན་སེལ། འཇིགས་མེད་གླིང་པའི་པོད་གཉིས་དབང་། ཀར་གཅོད་ཀྱི་དབང་ཁྲིད། མངོན་དགའི་ཞིང་ཆོག་གི་དབང་། སྡུལ་བསྔལ་རང་གྲོལ་གྱི་དབང་། སངས་རྒྱས་སྟོང་དབང་བཅས་བཀའ་དྲིན་བསྩལ། རྒྱུད་གསང་བ་སྙིང་པོའི་དཀའ་གནད་སྐོར་སྒྲོ་འདོགས་བཅད། ལྕེ་བཙུན་བཀའ་བབས་ཉེ་བརྒྱུད་སྡེ་གསུམ་དགོངས་པའི་མན་ངག་ཡོད་པ་ཨ་འཛོམ་འབྲུག་པ་ལས་རྒྱལ་སྲས་ལ་བརྒྱུད་པ་དེ།སྤྲུལ་ཨ་རིག་རིན་པོ་ཆེ་དང་ར་ལི་ཨོ་རྒྱན་རིག་འཛིན་ལ་གནང་སྐབས། དབང་གྲལ་དུ་བཞུགས་ཏེ་རྒྱལ་སྲས་རིན་པོ་ཆེ་ནས་ཨ་ཁྱུག་གིས་ཞུ་མི་ཆོག་པ་གང་ཡང་མེད་གསུངས་ཏེ་ཐུགས་བརྩེ་གཞན་ལས་ཆེ་བ་གནང་།

此时他们离去,安宗寺香灯师慈悲赐予了衣食等,具足恩德。在安宗寺住了两年有余,于嘉哲仁波切尊前听闻安宗珠巴耳传引导文,但末圆满。又听受了智慧上师、大幻化网寂尊灌顶、普巴金刚续派灌顶、无垢光尊者所造的大幻化网续密疏:遣除十方黑暗、晋美朗巴两函灌顶、猛烈断法的灌顶引导、东方现喜刹土仪轨灌顶、痛苦自解脱灌顶、贤劫千佛灌顶,遣除了对大幻化网续教难要的各种增益。杰尊桑给旺修近传三部密意窍诀由安宗珠巴交付予安宗嘉哲,安宗嘉哲将此赐给阿瑞活佛和绕惹邬金仁增时大悲开许尊者听受,赐予了极大恩德。

ཨ་འཛོམ་རྒྱལ་སྲས་ཀྱིས་རྗེས་སུ་བཟུང་ནས་མན་ངག་ཐོབ་ཚུལ། ལྕེ་བཙུན་གྱི་བཀའ་བབས་ཚུལ། བསྡུ་བ་བཞིས་རྗེས་སུ་བསྐྱངས་ཚུལ།

绘示:安宗嘉哲大悲摄受并传授窍诀,教付杰尊,四摄慈护。

5(5).jpeg

ཕྱི་ལོ་༡༩༥༨སྟེ་ས་ཕོ་ཁྱི་ཡི་ལོར།དགུང་གྲངས་སུམ་ཅུ་སོ་གཉིས་བོད་ཟླ་བརྒྱད་པར་དམངས་བཙོ་བཅོས་བསྒྱུར་གྱི་འགོ་ཚུགས་ནས་ཁྲོཾ་མོ་སྐུང་ཁོག་ཏུ་འབར་ཆུང་དང་ན་ཐ་གཉིས་ཀའི་མི་དམངས་བསྡུས་ནས་དམངས་གཙོ་བཅོས་བསྒྱུར་བྱེད་པ་ལ་ཁས་ལེན་དང་མི་ལེན་གྱི་དྲི་བ་བྱས་ཚེ།ཉིན་དང་པོ་ལ་རྗེ་བླ་མས་ཚིག་གཅིག་ཀྱང་མ་གསུངས།ནུབ་མོ་རྒྱལ་སྲས་ཀྱི་སྐུ་མདུན་དུ་ཕེབས་པས་ཁྱེད་ཀྱིས་གཏམ་བཤད་ཅིག་བྱེད་དགོས་པ་འདྲ་གསུངས་པ་བཞིན་བླ་མའི་བཀའ་ལྟར་ལས་བྱེད་པ་རྣམས་ལ་ལན་ཐེངས་གསུམ་གྱི་བར་དུ་ཐུགས་ལ་ཅི་དྲན་གྱིས་གསུང་བཤད་གནང་།དེའི་དགོང་མོ་རྒྱལ་སྲས་རིན་པོ་ཆེའི་མདུན་དུ་ཕེབས་པས།ཁྱོད་ལ་འཇམ་པའི་དབྱངས་ཀྱིས་གནང་བ་ཡིན་སྙམ། གཏམ་བཤད་བཟང་པོ་ཞིག་བྱས་འདུག་གསུངས།རྗེ་བླ་མའི་ཞལ་ནས་དེ་ནས་བཟུང་ལས་བྱེད་པ་སུ་ལ་ཡང་གཏམ་བཤད་པ་ལ་རེ་དོགས་བྱེད་མ་མྱོང་གསུངས།

藏历土狗年尊者三十二岁,同年八月,新的导向开始。巴穹和纳塔众聚集在昌姆贡科,问民众是否同意新的导向。第一天尊者一句话也没说,晚上到安宗嘉哲尊前时让尊者要发言。之后如上师的教敕般,无有任何拘束、随性回答了他们的三次提问。当晚又去见了嘉哲仁波切。“你得到了文珠菩萨的加持,讲得很好”。从此对任何的回复都无有顾虑。

བླ་མའི་བཀའ་ལ་ཉན་ན་ལྷག་པའི་ལྷ་ཡིས་བྱིན་རླབས་ཐོབ་པ་དང་ཡེ་ཤེས་ཀྱི་ལྷག་པའི་ལྷས་ཀྱང་རྗེས་སུ་བཟུང་ནས་གཉིས་འཛིན་རེ་དོགས་ཞིག་འགྲོ་བ་བསྟན།

绘示:听上师的话能获得圣尊之加持。听上师的话能获得智慧本尊摄持,能寂灭二执希疑。

5(6).jpeg

ཕྱི་ཉིན་མཁན་སྤྲུལ་ཡོད་དོ་ཅོག་རྡོ་ཁོ་དགོན་ལ་འགྲོ་དགོས་ཟེར་བར། བླ་སློབ་རྣམས་ཁྲོཾ་ཆུ་བརྒལ་ཚེ་ཟམ་ཐོག་ཏུ་སྤྲུལ་སྐུ་ཨ་རིག་རིན་པོ་ཆེའི་ཆིབས་པ་འགྲོ་རོགས་མ་བྱས།བྱ་རོག་ཉི་ཤུ་ཙམ་ཁྲོཾ་ཆུའི་འགྲམ་དུ་ཁྲུས་བྱས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རྐང་འགྲོས་སུ་བྱེད་པ་ལ།སྤྲུལ་ཨ་རིག་རིན་པོ་ཆེའི་ཞལ་ནས་རྟེན་འབྲེལ་བཟང་།ཆོས་སྐྱོང་གིས་བརྩེ་སྲུང་བྱེད་པ་ཡིན་གསུངས།

第二天,要求所有堪布活佛到多科寺。到昌台河边准备过河时,活佛的坐骑不肯过桥,当时有二十多只乌鸦在河边洗澡后一只接一只地排列走者,活佛仁波切说:“缘起吉祥,是护法慈护。”

ཆོས་སྐྱོང་གིས་དམ་ཚིག་ཅན་ལ་མགོན་སྐྱབས་མཛད་པ་དང་། ཆོས་སྐྱོང་གི་བཀའ་དྲིན་དང་རང་ཉིད་ཀྱི་དམ་ཚིག་རྣམ་དག་གིས་རྒྱལ་པོའི་ཁྲིམས་ཀྱི་འཇིགས་པ་ལས་ཐར་བ་ཡོད་ཚུལ་བསྟན།

绘示:依怙具誓护法,护法的慈护与自身誓言清净能令束缚之怖畏消除。

5(7).jpeg

སྤྲུལ་ཨ་རིག་རིན་པོ་ཆེ་སོགས་མཁན་སྤྲུལ་ཡོངས་རྫོགས་རྡོ་ཁོ་དགོན་ལ་བཞུགས་དུས་གཞན་རྣམསལ་རས་གུར་དང་གཉེར་བ་གྲྭ་འཁོར་སོགས་མང་དུ་ཡོད་པ་དང་།རྗེ་བླ་མ་དང་ཨ་སྐལ་ཉི་མ་གཉིས་ལ་གུར་ཆུང་ཞིག་ལས་མེད་པས་འོ་བརྒྱལ་དང་དཀའ་སྡུག་ཚད་མེད་མྱངས་གསུངས།

所有堪布活佛住在多科寺时,他众都有自己的帐篷和许多侍者眷属,而尊者两人只有一顶小帐篷,非常艰苦。

བྱ་བྲལ་ཡིན་པ་དང་ལྟར་སྣང་ལ་སྡུག་བསྔལ་ཡིན་ཀྱང་དོན་ལ་བདེ་བའི་རྒྱུ་དང་མཐར་ཐུག་སྡུག་བསྔལ་མེད་པའི་དོན། དཔལ་འབྱོར་གྱི་ལོངས་སྤྱོད་འཁོར་ཚོགས་ནི་སྡུག་བསྔལ་གྱི་རྒྱུ་རུ་བསྟན།

绘示:舍事者外似苦,实际是安乐之因、最终无苦,财物与眷属丰盈是痛苦之因。

5(8).jpeg