妙音龙多加参吉祥贤
༼༤༽གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གི་རྣམ་ཐར་ཞལ་ཐང་དུ་བཀོད་པ།
发布时间:2023-08-24
新闻来源:信心花开
དཀའ་བ་སྤྱད་ཅིང་བླ་མའི་ཞབས་ཏོག་བསྒྲུབས་ཚུལ།
修持苦行  承侍上师

        

དེ་སྐབས་གློ་བུར་དུ་སྤྲུལ་ཨ་རིག་རིན་པོ་ཆེ་ནས་རྗེ་བླ་མར་ཁྱོད་མྱུར་དུ་ཁྱིམ་ལ་ཅིག་སོང་གསུངས་པ་ལྟར་བྱོན་པས། དེ་ནུབ་འབར་ཆུང་རུ་བར་བཞུགས། ཕྱི་ཉིན་སྔ་མོར་བྱོན་པས་ཉིན་ཕྱེད་ཙམ་གྱིས་ཁྲོམ་ཐོག་གི་སར་ཕེབས། ཁྲོཾ་སྟོད་དུ་གཞན་རྐྱེན་གྱིས་རུ་བ་མང་པོ་བྲོས་འདུག་གསུངས། དེ་ནས་ཡར་ཅུང་ཙམ་ཕེབས་པས་རུ་བའི་མིས་ཁྱེད་ཀྱི་མ་དེ་ཚེ་ལས་འདས་སོང་ཟེར་བ་ལ། མ་རྒན་དང་མ་འཕྲད།སྤྲུལ་རིན་པོ་ཆེའི་ལུང་བསྟན་ཐོག་ཏུ་སོང་གསུངས།

突然又让尊者回家一趟,回家途中当晚住在巴琼,第二天清早赶路,半天时间就到了家乡。外缘所致上昌地区,许多牧民在四处搬迁。再走一段路就听说母亲去世。末能与母亲相见,如活佛仁波切授记般。

སྤྲུལ་སྐུའི་ཐུགས་ཀྱིས་མ་རྒན་འདོར་མེད་པ་དང་། མཁྱེན་པ་ཐོགས་པ་མེད་པས་ཡེ་ཤེས་སྤྱན་ལྡན་ཡིན་པ་དང་། མ་རྒན་རྐྱེན་ལམ་དུ་གྱུར་པ་འཁོར་བའི་རང་མཚང་ཡིན་པར་ཤེས་པ་དང་། ཁོང་ཁྲོ་ལས་དགེ་སྒྲུབ་བཟང་ཚུལ་བསྟན ། མ་ཡུམ་དཀྲོངས་པའི་སྡུག་བསྔལ་ཆེ་བའི་རྐྱེན་གྱིས་ད་དུང་ཨེ་བདེན་སྙམ་པ་ཡང་སྐྱེ་ཚུལ་དང་ཕ་མར་བྱམས་བརྩེ་ཆེ་དགོས་ཚུལ་བསྟན།  ད་ལྟའི་མི་མང་དག་ཞིག་མ་བུའི་བར་བྱམས་བརྩེ་མི་ཟབ་པ་ཡང་ཡོད་པའི་དོན་བསྟན།

绘示:活佛意中未忘记母亲,具无碍遍知智慧眼。认识到母亲的因缘现前是轮回之相,与嗔恨相比,修持善法更妙。

4.jpeg

ཨ་འཛོམ་རྒྱལ་སྲས་སོགས་བླ་མ་རྣམས་ལ་བསྔོ་རྟེན་གང་འཕྲོད་མཛད།སླར་སྤྲུལ་རིན་པོ་ཆེའི་མདུན་དུ་བྱོན་ནས་རྒྱུ་མཚན་རྣམས་ཞིབ་རྒྱས་ཞུས། སྤྲུལ་ཨ་རིག་རིན་པོ་ཆེའི་ཞལ་ནས་ད་སྐབས་ཁྱོད་ཡར་སོང་ལ་མ་རྒན་གྱི་དགུང་ཞག་ཚང་བར་གྱིས། དེ་ནས་ཤོག་གསུངས། ཁོང་རྣམ་གཉིས་ཀྱིས་ཞེ་དགུ་མ་ཟིན་བར་དུ་བསྔོ་བ་སྨོན་ལམ་སོགས་ཅི་དགོས་རྣམས་གསུང་ཡོང་གསུངས་པ།

在安宗嘉哲等诸多上师前供养回向钱财,详情呈述给阿瑞仁波切,仁波切说:“你现在就回去给母亲做七七佛事,完毕之后再返回。四十九天之中需要任何念诵,我俩都会念诵。

ཇི་ལྟར་ཚེ་ལས་འདས་ཀྱང་ཞེ་དགུ་དགོངས་རྫོགས་བྱེད་པ་ནི་གལ་ཆེ། ད་ལྟའི་སྐབས་ཁ་གཡར་ནས་ཞེ་དགུ་མི་འཇོག་པ་སོགས་ཡོད་པའི་དོན།

绘示:无论怎样死亡,做四十九天佛事极为重要。现今有以种种借口不做者。

4(1).jpeg

ཡར་བྱོན་ནས་མ་ཡི་ཕུང་པོ་བྱ་བ་ལ་སྦྱིན་པ་གནང་བ་དང་དགེ་ཚུལ་སློང་བཅུ་གཅིག་ཙམ་གདན་དྲངས་ཏེ་ཞེ་དགུ་མ་ཚང་བར་འཚོགས། འཕོ་འདེབས་བླ་མ་བདུན་ཙམ་ལ་འཕོ་རྟ་བདུན་ཕུལ། སྤྲུལ་རིན་པོ་ཆེ་ལ་མནབ་སྟོད་ཅིག་ཐབས་བྱས་ནས་བཟོས་གནང་བ།

返回家乡,母亲的遗体作天葬。并且邀请十一位沙弥比丘在四十九天中作超度,七位喇嘛念诵了破瓦法,对他们供养了往生马。为阿瑞仁波切缝制了一件衣裳。

ཕུང་པོ་བྱར་སྦྱིན་པ་ནི་ཚོགས་གཉིས་རྫོགས་བྱེད་ཀྱི་ཐབས་མཆོག་ཡིན་པ་དང་། སྤྱིར་ལུས་སྦྱིན་གྱི་ཐོག་མཐའི་བྱ་བའི་གོ་དོན་ཡང་ཤེས་དགོས། དགེ་ཚུལ་སློང་ནི་ཤི་བོའི་ར་མདའ་མེད་དུ་མི་རུང་བ་ཡིན་ཚུལ་དང་། འཕོ་འདེབས་བླ་མ་མཚན་ལྡན་ཅི་མང་དགོས་ཚུལ་དང་། འབུལ་བ་སོགས་ཅི་ཡོད་སེར་སྣ་མེད་པར་འབུལ་དགོས་པ་བསྟན།

绘示:施身是二资圆满的最胜方便,要懂得施身始末的所有事项。沙弥比丘是超度亡者不可或缺的,念诵往生法的具相喇嘛越多越好,需没有吝啬而作供养。

4(2).jpeg

སྔར་མ་ཡུམ་གྱིས་དབྱར་དུས་སུ་སྤྲུལ་ཨ་རིག་རིན་པོ་ཆེ་ལ་གསོལ་མར་འཕྲོད་ཐབས་བྱེད་དགོས་ཟེར་ནས་མར་མང་དུ་བསགས་ཡོད་པ་དེ་དང་། གཞན་གསོལ་བ་དང་སྤྲུལ་རྣམ་གཉིས་ལ་ན་བཟའ་དཀའ་ངལ་ཡོད་པ་རྣམས་ཅི་འགྲུབ་མཛད། མགོ་ཕུག་བཅས་གྲ་བསྒྲིགས་མཛད་ནས་སྤྲུལ་རྣམ་གཉིས་ཀྱི་མདུན་དུ་ཕེབས་པ།

夏季时母亲为供养活佛仁波切准备了较多酥油,另因两位活佛食物贫乏、衣裳简陋,尊者皆尽量置办。帐篷等准备好后回到活佛仁波切身边。

མ་རྒན་གྱིས་རྩ་བའི་བླ་མ་ལས་བསམ་རྒྱུ་མེད་ཚུལ་དང་། རང་ཉིད་ཀྱིས་བླ་མའི་ཞབས་རིམ་དུ་བསམ་བློ་ཞིབ་པོ་གཏོང་དགོས་ཚུལ། ཅོལ་ཆུང་འུར་ཟིང་ཅན་མ་བརྟགས་པར་ཞུགས་མི་རུང་།

绘示:母亲所念唯有上师。承侍自己的上师要心思细密,未经观察的轻浮毛躁者不可涉入。

4(3).jpeg

དེའི་སྐབས་སྤྲུལ་ཨ་རིག་རིན་པོ་ཆེ་ནས་རྗེ་བླ་མ་དང་ཨ་ཕུག་ཉི་མ།ཨ་ཁུ་རིས་པོ། ཤ་ཉེ་མིས་མིས། པད་རྡོར། རིག་བློ་བཅས་ལ་རྫོགས་ཆེན་སྙིང་ཐིག་ཕྱི་ནང་གསང་གསུམ་གྱི་བླ་མ་སྒྲུབ་པའི་དབང་དང་། ཀློང་ཆེན་སྙིང་ཐིག་གི་ཀུན་བཟང་བླ་མའི་སྔོན་འགྲོའི་ཟིན་བྲིས་དང་སྦྲགས་ནས་བཀའ་དྲིན་གནང་། ཡེ་ཤེས་བླ་མའི་ཁྲིད་བསྡུས་པ་དང་། ཁྲིད་ལུང་གཞན་ཅི་རིགས་རེ་གནང་། དེའི་སྐབས་རིག་འདུས་དང་། ཡུམ་ཀ བླ་སྒྲུབ་ཐིག་ལེ་རྒྱ་ཅན་གྱི་དབང་རྣམས་བསྩལ། དེ་ནས་མཆེད་གྲོགས་རྣམས་རང་ཡུལ་དུ་བྱོན། སྤྲུལ་རྣམ་གཉིས་དང་རྗེ་བླ་མ་བཅས་ཤུལ་དུ་བཞུགས། 

当时活佛仁波切稍许赐予了大圆满心滴引导、心滴内外密三上师修之灌顶、 龙钦心滴普贤上师前行与备忘录相结合的讲解、智慧上师简要引导,也赐予了其他引导和传承。当时听受的还有阿波尼玛、阿克瑞波、兄弟米米、巴多、热洛等。当时还赐予了明集、单妃、上师修、明点印等灌顶,之后所有僧众回到各自家乡,活佛仁波切和尊者留在此地。

སྨིན་བྱེད་དབང་ཡང་སྔོན་དུ་ཐོབ་དགོས། དབང་མ་ཐོབ་པ་ལ་དངོས་གྲུབ་མེད་པ་སོགས་ཀྱི་དོན་དང་། སྤྲུལ་ཨ་རིག་རིན་པོ་ཆེས་སྨིན་གྲོལ་གྱི་གདམས་པ་སྔར་ནས་གནང་ཡོད་ཀྱང་ལྷག་དུ་ཐུགས་བརྩེ་བས་སྙིང་ཐིག་གི་སྨིན་གྲོལ་བདུད་རྩི་མཁའ་འགྲོའི་ཞལ་རླངས་མ་ཡལ་བ་བསྩལ་ནས་སྣོད་ལྡན་གྱི་སློབ་མ་རུ་རྗེས་སུ་བཟུང་བ་དང་། སྙིང་ཐིག་གདམས་ཁྲིད་ཞུ་བའི་གོ་རིམ་འཇུག་ཚུལ་གྱི་སྒོ་ཡང་བསྟན།

绘示:需提前获得成熟灌顶,未获灌顶无悉地。阿瑞仁波切以前虽已赐予成熟灌顶、解脱窍诀,然尤其大悲赐予空行暖气未失之心滴熟解甘露,摄受为具器弟子。求取心滴教授引导需次第趣入。

4(4).jpeg