དཀའ་བ་སྤྱད་ཅིང་བླ་མའི་ཞབས་ཏོག་བསྒྲུབས་ཚུལ།
修持苦行 承侍上师
ཕྱི་ལོ་༡༩༥༤ཤིང་ཕོ་རྟ་ཡི་ལོ་དགུང་གྲངས་༢༨ལོར་སྤྲུལ་རིན་པོ་ཆེ་ཨ་རིག་ནས་ཁྱེད་ཀྱི་སྡོམ་རྒྱུན་བརྗེ་དགོས་པས་བདག་གི་སྡོམ་རྒྱུན་འདི་སྨད་འདུལ་ཡིན།མཁན་པོ་ཀཿཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་དང་།སློབ་དཔོན་མཁན་ངག་དབང་དཔལ་བཟང་།གསང་སྟོན་ཌཱ་ཀིའི་མཁན་རྒན་མ་ཨ་དགེ་ཡིན་གསུངས།དེ་ནས་སྡོམ་པ་ཕུལ་ཏེ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་གསར་དུ་མནོས་པས་མཚན་ལ་ལུང་རྟོགས་རྒྱལ་མཚན་ཞེས་གནང་།སྡོམ་རྒྱུན་སྔ་འགྱུར་དུ་བརྗེ་དགོས་གསུངས་པའང་བསྟན་པ་ལ་ཉམས་ཉེས་བྱུང་ནས་སླར་ཡང་སྔ་འགྱུར་གྱི་བསྟན་པ་ལ་བྱ་བ་འགྲུབ་པ་དང་མ་འོངས་པར་ངའི་བརྒྱུད་པ་ཐམས་ཅད་སྔ་འགྱུར་དུ་བྱས་ན་བསྟན་འགྲོའི་དོན་འོང་བའི་ལུང་བསྟན་གྱི་རྟགས་ཡིན་པ་འདྲ་གསུངས།
公元1954年木马年二十八岁时,阿瑞仁波切说:“你要变更戒律传承。我的律传是东兴律传,堪布是噶陀寺的仁波切曲吉降措,阿阇黎是堪昂旺巴让,教授师是扎格的老堪布阿格。”如此供养了之前的戒律传承,新受了圆满的比丘戒,赐名“龙朵加参”。如是,至尊所宣的更换律仪授记了教法没落时尊者对前译教法能作服务以及未来尊者的一切传承成为前译而广大利生之相。
སྤྲུལ་ཨ་རིག་བཀའ་དྲིན་སུམ་ལྡན་གྱི་བླ་མ་ཡིན་ཚུལ་དང་།སྡོམ་རྒྱུན་བརྗེ་དགོས་པའི་དོན་ནི་སྡོམ་རྒྱུན་བརྟན་པའི་ཕྱིར་ཡིན།སྡོམ་པ་མནོས་པ་ལས་སློབ་གྲངས་ཚང་དང་བརྟན་མཁས་ཀྱི་ཡོན་ཏན་ཅན་ཡོད་དགོས་པ་དང་།རྗེས་སུ་འདུལ་བའི་གཞི་གསུམ་ལ་ཞབས་ཞུ་སྒྲུབ་དགོས་ཚུལ་བསྟན།
绘示:阿瑞仁波切是具三恩的上师。为令戒律传承稳固故更换律仪。传授戒律时需堪布阿闍黎等人数具齐并具足功德,之后需为戒律三事服务。
བླ་མའི་གསོལ་རྩམ་རྔོ་འཐག་དང་གསོལ་མཛོ་མ་གསུམ་བཞི་ཙམ་ཡོད་པས་འོ་བཞོ་ཞོ་ལས་སོགས་སྤྲུལ་རིན་པོ་ཆེ་ལ་ཞབས་ཕྱི་ཞུས་པ།
尊者为阿瑞仁波切炒磨糌粑、挤三四头犏母牛的牛奶作为饮食。
བླ་མ་བསྟེན་ཐབས་མོས་གུས་ཡིན་གསུངས་པ་ལྟར། བླ་མར་ཞབས་ཕྱིའི་ཕྱིར་དམན་པའི་ལས་ཀྱང་བྱེད་དགོས། མོས་གུས་དཀའ་སྤྱད་ནི་བྱིན་རླབས་འབྱུང་བའི་སྒོ་གཅིག་པུ་ཡིན་ཚུལ་དང་། འབྲས་བུར་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པའི་རྟགས་སུ་རྡོ་བྲག་ལ་ཡང་སྐུ་དང་ཡི་གེ་རང་བྱོན་བྱུང་བའང་ད་ལྟར་མཇལ་རྒྱུ་ཡོད།
绘示:如依止上师的最胜方便是敬信般,承侍上师任何事都需要做。敬信、苦行乃源加持唯一之门。获得共不共之成就果实乃岩石上自现佛相与文宇,此现今仍清晰可见。
དེའི་སྐབས་དུས་ཀྱི་འུར་ཟིང་ཤིན་ཏུ་ཆེ་བས་ཞག་གསུམ་གྱི་བར་དུ་མ་གཟིམས་པར་འབྱོན་བཞུགས་ལམ་ཐབས་བསྒྲིགས།སྤྲུལ་ཨ་རིག་རིན་པོ་ཆེའི་ཞལ་ནས་ཁྱེད་ལ་མ་དང་ཁུ་བོ་ཤ་ཉེ་སོགས་ཡོད་པས་ཁྱིམ་དུ་སོང་ན།ངེད་གཉིས་ནི་གར་འགྲོ་གར་ཤི་ངེས་མེད་ཡིན་གསུངས་པ་ལ།རྗེ་བླ་མས་བདག་ནི་དང་པོ་མ་ཡི་རྩར་ནས་ཡོང་སྐབས་སྤྲུལ་ཁྱེད་ཀྱི་མདུན་དུ་ཤི་མ་སོང་བར་དུ་སོ་སོར་ཕྱེས་ན་དམ་ཅན་ཆོས་སྐྱོང་རྣམས་ཀྱིས་བདག་གི་ཚེ་སྲོག་མྱུར་དུ་གཅོད་པའི་ཕྲིན་བཅོལ་ཡང་བྱས་ཡོད་པ་དང་།མ་ཟད་བདག་གིས་ཉེ་འབྲེལ་གྱི་འདུན་པ་སྤངས།མ་རྒན་གྱི་ཁ་ཆེམས་ལའང་སྤྲུལ་རྣམ་གཉིས་ལ་ཞབས་ཕྱི་ཞིག་བྱེད་ཐུབ་ན་དེ་ལས་ལྷག་པ་ཟེར་རྒྱུ་མེད་ཟེར་ཞུས་པ།
当时因外缘所致,三天中未入睡而准备搬迁,此时活佛仁波切说:“你家中有母亲、叔叔和兄弟,回家一趟吧,不然以后我俩漂泊到何处不一定,死在哪里也不一定。“我最初离开母亲依止阿瑞仁波切时立誓至死不离,如若违背,嘱托具誓护法迅速斩断我的命根。从此,断除了对亲友的眷恋。母亲的遗嘱也是能对两位至尊做好承侍是对她最好的报答。”
བླ་མ་ལ་ལུས་ངག་ཡིད་གསུམ་ལྟོས་མེད་དུ་འབུལ་བ་དང་།མི་འབྲལ་བའི་དམ་བཅའ་དང་སྲུང་མར་ཕྲིན་བཅོལ་དགོས་ཚུལ་དང་།འཆི་བ་སྲོག་ལ་ཐུག་ཀྱང་རང་དོན་དང་མ་འབྲེལ་བར་ལུགས་གཉིས་ཀྱི་བྱ་བ་མཐར་ཕྱིན་པ་ཞིག་བྱེད་རྒྱུ་གལ་ཆེ་ཚུལ།ཚུལ་འདིས་བླ་སློབ་གཉིས་ཀྱང་མི་གཞི་བཟང་པོ་ཞིག་ཏུ་བསྟན།
绘示:身语意三门彻底供养上师。需不离之誓言与对护法嘱托。哪怕失去生命也远离自利之二规事业而成办究竟极为重要。师徒都要具足贤善的人格。
ཕྱི་ལོ་༡༩༥༦མེ་ཕོ་སྤྲེལ། དགུང་གྲངས་༣༠ལོར་ཁྲོཾ་སྨད་དུ་བྱོན་རྗེས།ཉིན་ཞིག་སྤྲུལ་རིན་པོ་ཆེ་ནས་ཁྱོད་མ་རྒན་ལ་ངོ་གཏུག་ཏུ་སོང་གསུངས།རྗེ་བླ་མ་དེ་ལྟར་དུ་བྱོན་པས་མ་རྒན་གྱིས་སྤྲུལ་རྣམ་གཉིས་ལ་ཞབས་ཕྱི་མི་བྱེད་པར་ཁྱོད་ཅི་ལ་འོང་བ་ཡིན་ཟེར་བ་ལ་རྗེ་བླ་མས་དེའི་ཚུལ་གསུངས་པས། མ་རྒན་གྱིས། འོ་དེ་རང་རེ་མ་བུ་གཉིས་ད་ཕན་ཆད་མི་འཕྲད་པའི་རྟགས་ཡིན་གསུངས།མ་རྒན་ལ་ངས་ཁྱེད་ཀྱི་ཁ་ལ་མ་ཉན་པ་དགོང་མོ་ཞིག་ལ་ཤིང་ཁུར་ཞིག་ལེན་དུ་མ་སོང་བ་མ་གཏོགས་གཞན་ཁྱོད་ཀྱི་སེམས་ན་ཨེ་ཡོད་གསུངས་ཀྱང་།མ་རྒན་གྱིས་མེད།བདེན་གསུངས།
藏历火猴年尊者三十岁。到下昌后有一天,阿瑞仁波切说:“你去探望一下母亲。”随即去了,当时母亲说:“不好好承侍两位上师,你回来做什么!“”尊者将阿瑞仁波切所言告知母亲,母亲说:“哦,恐怕我们母子俩以后再也无法相见了。”“除了有一天晚上您让我去背柴我没有听,其他违背的事您还记得吗?”母亲回答说:“对,其他没有了。”
སྤྲུལ་སྐུ་དུས་གསུམ་མཁྱེན་ལྡན་ཡིན་པ་དང་བླ་མར་ཕུལ་ཟིན་པའི་བུ་ལ་མས་ཞེན་ཆགས་ཆོད་ཚུལ་དང་།ཕ་མར་འགལ་བ་མེད་པ་དང་འདས་ཁར་དགོངས་དག་ཞུ་བ་ནི་ལུགས་གཉིས་ཀྱི་བྱ་བ་ལེགས་པོ་ཡིན་ཚུལ་བསྟན།
绘示:活佛遍知三时。将儿子供养上师后,母亲断除眷恋。母子之间没有任何矛盾,分离之时恳请谅解,二规之事完善矣。
སླར་ཡང་སྤྲུལ་རྣམ་གཉིས་ཀྱི་མདུན་དུ་བྱོན།སྤྲུལ་ཨ་རིག་རིན་པོ་ཆེར་ཞབས་ཕྱི་ཅི་ནུས་གང་ལྕོགས་འགྲུབ་ན་མ་རྒན་གྱི་དྲིན་ལན་ཡང་འདི་ཡིན་སྙམ་པ་ལས་དྲན་རྒྱུ་དེ་མ་གཏོགས་གཞན་ཅི་ཡང་མི་འདུག་གསུངས།དུས་ཀྱི་འུར་ཟིང་ཆེ་བས་ཤུག་གུ་ཤར་ནགས་ཁྲོད་དུ་བཞུགས་ནས་ཞབས་ཕྱི་བསྒྲུབས་གནང་བ།
返回两位活佛尊前,“若能尽量承侍活佛,也能报答母亲恩德,除此之外没有更多的想法”。时局更加改变,住在西科夏那寂静处作承侍。
སྐྱིད་སྡུག་ཅི་ལ་ཐུག་ཀྱང་བླ་མ་དང་ཕ་མའི་དྲིན་ལན་མི་བརྗེད་པ་དང་།བཀའ་དྲིན་གཟོ་བ།ཐོས་བསམ་སྒོམ་སྒྲུབ་ཡུལ་རྐྱེན་གྱིས་མ་བསླད་པ་ཞིག་དགོས་པར་བསྟན།
绘示:出现任何苦乐也不能忘记上师和父母的恩德,要报恩。闻思实修需不被境缘所缚。