妙音龙多加参吉祥贤
གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གི་རྣམ་ཐར་ཞལ་ཐང་དུ་བཀོད་པ།
发布时间:2023-08-22
新闻来源:信心花开

དཀའ་བ་སྤྱད་ཅིང་བླ་མའི་ཞབས་ཏོག་བསྒྲུབས་ཚུལ།

修持苦行 承侍上师

ཕྱི་ལོ་༡༩༥༡ལོ།རྗེ་བླ་མ་དགུང་གྲངས་༢༥སྐབས་མ་རྒན་གྱིས་སྤྲུལ་རིན་པོ་ཆེ་རིག་འཛིན་དབང་ཕྱུག་ལ་ངའི་བུ་འདི་ཡིས་གོ་ཞིག་ཆོད་ན་འཕོ་རྟའི་ཚབ་ཏུ་འབུལ་བ་ཡིན་ཞུས་ནས་སྒོ་གསུམ་ལྟོས་མེད་དུ་ཕུལ་བ།

公元1951年二十五岁时,母亲对阿瑞仁波切说:“我的儿子有用的话,当作往生马供养给您。”从此,三门无余作了供养。

དམ་ཆོས་སྒྲུབ་པའི་གང་ཟག་གི་དབང་ཡོངས་རྫོགས་ཕ་མ་ལ་ཡོད་པ་དང་ཕ་མས་མ་གནང་བར་དམ་ཆོས་སྒྲུབ་པ་ལ་བར་ཆད་ཡོད་པས་གནང་བ་ཐོབ་དགོས་ཚུལ།མའི་དྲིན་ལན་གཟོ་ཕྱིར་དུ་སྒྲུབ་པ་གཙོ་བོ་དགོས་པ།བླ་མ་བསྟེན་དུས་མོས་གུས་ཀྱི་སྒོ་ནས་གཙོ་བོ་ཐུགས་རྒྱུད་ཀྱི་དགོངས་པ་ལོན་ཐབས་བྱེད་པ་ཡིན།བླ་མའི་ཐུགས་མཉེས་པ་ནི་དངོས་གྲུབ་ཀྱི་ལམ་མཆོག་ཡིན་པར་བསྟན།

绘示:父母未许可,修持圣法具有障碍,故需得到许可。依止上师时,获得密意之方便主要靠敬信。上师欢喜是悉地之胜道

2.jpeg

དེ་ནས་སྤྲུལ་ཨ་རིག་རིན་པོ་ཆེ་དང་ཨ་སྐལ་ཉི་མ་གཉིས་ཀྱིས་རི་ཁྲོད་འབྲི་ཡུལ་པདྨ་ལྗོངས་སུ་འདུག་དགོས་པའི་བཀའ་ཕེབས།ལོ་ངོ་ཁ་ཤས་དེར་བཞུགས།དེའི་སྐབས་ཀྱཻ་རྡོར་ཟླ་བ་དྲུག་ཙམ་ལ་བཏོན།བླ་མས་འགྲོ་འདུག་གི་བྱ་བ་མངགས་གཞུག་གང་བྱས་ཀྱང་རྗེ་བླ་མས་གང་ལྕོགས་སྒྲུབ་གནང་བ།

阿瑞仁波切和阿嘎尼玛要求住在哲库莲花域寂静处,在此处住了几年,并闭关修持喜金刚六个月,上师所安排的任何事务尽量圆满。

བླ་མའི་བཀའ་བཞིན་སྒྲུབ་དགོས་པ་དང་།ཞབས་ཕྱི་གང་ལྕོགས་སྒྲུབ་པ་ལས་ངོ་ལྐོག་དང་ངོ་ཡོད་དོན་ཡོད་ལ་རེ་བ་བྱེད་མི་རིགས་པའི་ཚུལ་དང་།བླ་མས་མངགས་གཞུག་ལ་ཁ་གཡར་ནས་ཐོས་བསམ་བསྐྱེད་རྫོགས་དགེ་སྒྲུབ་སྐྱུར་མི་ཉན་པར་བསྟན།

绘示:需依教奉行,尽力承侍,不能表里不一,不能以上师的差遣为借口而放弃闻思实修生圆与善行。

2(1).jpeg

དེ་སྐབས་ཨ་སྐལ་ཉི་མའི་གཟིམས་ལམ་དུ་རྗེ་བླ་མས་མར་མེ་ཞིག་མཆོད་པ་དེས་འབྲི་ཁོག་ལུང་པ་ཀུན་གསལ་འདུག་གསུངས་པ།

阿嘠尼玛梦境中,尊者供灯,照亮了整个哲库山谷。

ཨ་སྐལ་ཉི་མ་ལ་ཡང་ལུང་བསྟན་ཡོད་པ་ཞིག་ཡིན་ཚུལ་དང་མཁན་པོའི་སྙན་བརྒྱུད་དེ་བསྟན་པའི་གསལ་བྱེད་ཡིན་པར་བསྟན།

绘示:阿嘎尼玛的梦境诠示了尊者将开显堪布昂琼之耳传。

2(2).jpeg

སྤྲུལ་ཨ་རིག་རིན་པོ་ཆེའི་ཞལ་ནས་ཁོང་གིས་གང་ལ་བལྟས་ཀྱང་མཁན་རིན་པོ་ཆེ་ངག་དབང་དཔལ་བཟང་གི་མན་ངག་འདི་གཞན་ལ་སྟོན་ནུས་པ་ཞིག་ཁྱེད་ཀྱིས་འོང་སྙམ་གསུངས་པ།

阿瑞仁波切说,不管他怎样观察,尊者都能以堪仁波切昂旺巴让的窍诀引导大众。

དེ་ནས་བཟུང་སྤྲུལ་ཨ་རིག་གིས་རྗེ་ཉིད་བསྐྱངས་པའམ་ངག་ཆུང་སྙན་བརྒྱུད་འཛིན་པའི་བསྟན་པའི་བདག་པོ་ཞིག་འོང་བའི་དོན་དུ་ཡིན།

绘示:从此,阿瑞仁波切慈护尊者。尊者成为持昂琼耳传的圣士。

2(3).jpeg