妙音龙多加参吉祥贤
༼༨༽གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་གི་རྣམ་ཐར་ཞལ་ཐང་དུ་བཀོད་པ།
发布时间:2023-08-28
新闻来源:信心花开

དཀའ་བ་སྤྱད་ཅིང་བླ་མའི་ཞབས་ཏོག་བསྒྲུབས་ཚུལ།

修持苦行  承侍上师

ཕྱི་ལོ་༡༩༧༧མེ་མོ་སྦྲུལ་གྱི་ལོ། རྗེ་བླ་མ་དགུང་གྲངས་༥༡ལོར་ཝ་ཤུལ་ཁྲོཾ་ཐར་ལ་སྡོམ་པ་ལ་སྐྱོན་ཞུགས་མེད་པའི་དགེ་སློང་བཅོ་ལྔ་ཙམ་ཡོད་པ་ལྷན་དུ་འཚོགས་ཐབས་མཛད། མཁན་དགེ་ལེགས་དང་ཤེས་རབ་གཉིས་ཀྱི་གཙོས་དགེ་འདུན་གྲངས་ཚང་གི་སྒོ་ནས་དགེ་ཚུལ་སློང་བརྒྱད་ཅུ་ཙམ་བསྒྲུབས་གནང་བ།

公元1977年火蛇年五十一岁,在瓦西昌台尽量会聚十五位清净比丘,以堪格勒和西绕两位为主、人数齐备的具相师们为八十多位新的沙弥比丘授戒。

བསྟན་པ་འཛིན་སྐྱོང་དང་སླར་གསོ་གོང་འཕེལ་མཛད་པ་ནི་བསྟན་པ་རྣམ་དག་གི་ཆེད་དང་། བསྟན་པ་རྣམ་པར་དག་པ་བྱེད་པ་ལ་དམ་ཆོས་འདུལ་བས་བསྟན་གཞི་འཛིན་དགོས་པ་བསྟན།

绘示:护持并复苏兴盛教法是令教法清净。清净教法需特圣法戒律为依基。

8.jpeg

གོང་རིམ་ལས་བྱེད་རྣམས་ཀྱིས་བླ་སློབ་གཉིས་སོ་སོར་ཕྱེས། རྗེ་བླ་མར་སྙིང་ཕྱི་རོལ་ཏུ་བཏོན་པ་ལྟ་བུའི་སྡུག་བསྔལ་བྱུང་གསུངས། དེ་དུས་སྤྲུལ་ཨ་རིག་རིན་པོ་ཆེ་ཡང་སྤྱན་ཆབ་བསིལ།སྤྲུལ་རིན་པོ་ཆེའི་གཟིམས་ཆུང་དེ་སྔོན་རྗེ་བླ་མའི་ཁྱིམ་པའི་རྩར་ཡོད་ཀྱང་དེ་ནས་ཕར་ཨ་ཚབ་ནང་དུ་བྱོན་དགོས་པས་ལམ་བར་དུ་སྐུ་ཉེ་གང་ལོ་ལ་གསུང་འཕྲིན་བསྐུར་ནས། དེ་རིང་ས་ག་ཟླ་བའི་ཚེས་བཅོ་བརྒྱད་ཡིན་ང་རང་ཁྱོད་ཀྱི་ཁྱིམ་དུ་འོང་ངེས་ཅན་ཡིན་གསུངས་ནས་མ་འོངས་ལུང་བསྟན་གནང་བ།

“干部将我和上师隔开了,当时我的心像要蹦出来那样痛苦,上师也流下了眼泪。上师的寝室在我家房子的前面。”上师被要求去阿察,途中给尊者的弟弟刚洛捎去口信:“今天是萨嘎月十八号,我一定会到你家。”如此对未来作了授记。

གཞན་རྐྱེན་གྱིས་བླ་སློབ་སོ་སོར་ཕྱེ་བ་སྡུག་བསྔལ་ཆེ་ཡང་དེར་བདེན་ཞེན་མི་རུང་ཚུལ་དང་།བཟང་པོའི་བླ་མ་འདི་དང་དུས་རྟག་ཏུ་མི་འབྲལ་བ་དང་། དམ་ཆོས་ཐོས་བསམ་ནན་ཏན་གྱིས་ཞེས་གདམས་པ་དང་། ཡང་སྲིད་བསམ་བཞིན་དུ་བྱོན་པ་ངོས་བཟུང་བ་ཡིན་ཚུལ།

绘示:他缘令师徒分离,虽然很痛苦,但对此不可贪执。与贤善的上师恒时不分离。教诫对圣法认真闻思。认定再化如愿复临。

8(1).jpeg

ཕྱི་ལོ་༡༩༧༩ལོ། ས་མོ་ལུག རྗེ་བླ་མ་ཉིད་དགུང་གྲངས་༥༣ལོར་རྩ་ཁྲིམས་ལ་རང་མོས་ཐོན་པས། སྤྲུལ་ཨ་རིག་རིན་པོ་ཆེ་སྔོན་ནས་དབེན་རི་ལ་ཐུགས་ཤིན་ཏུ་སྤྲོ་བ་ཡོད་པ་ལ། རྗེ་བླ་མའི་ཞལ་ནས་སྤྱན་རས་གཟིགས་ཀྱི་གནས་བརྡ་ཁོལ་དང་།སྒྲོལ་མའི་གནས་ཁང་རིལ་གཉིས་གང་དགའ་ཞུས་ཚེ། སྤྲུལ་རིན་པོ་ཆེས་ཁྲོཾ་དགེའི་གདན་ས་ཁང་རིལ་ལ་འགྲོ། སང་ཉི་མ་མ་ཤར་གོང་ཁྲོཾ་ཆུའི་ཕར་ཁར་ཐོན་ན་ང་ལ་དགོས་པ་ཆེན་པོ་འདུག་གསུངས། རྗེ་བླ་མས་དེ་ལྟར་དུ་མཛད་དེ་ཁྲོཾ་དགེའི་གདན་ས་ཁང་རིལ་གནས་སུ་ཕྱག་ཕེབས།

公元1979年土羊年五十三岁,宪法赋予信仰自由,对往昔的寂静山心生极大欢喜,就问:“观世音圣处达科与度母圣处康日两大神山喜欢住哪一处?”活佛仁波切回答:“去昌根圣地康日。明天太阳未出之前能到昌台河的对面的话,对我有很大意义。”如此般去了昌根圣地康日圣处。

བླ་མ་གདན་སར་བྱོན་པས་གནས་ཁྱད་པར་ཅན་བྱིན་གྱིས་བརླབས་པ་དང་། ཞབས་ཀྱིས་བཅགས་པའི་གནས་བྱིན་ཅན་ལ་བསྟེན་པ་ནི་བྱིན་རླབས་དངོས་གྲུབ་ཉམས་རྟོགས་ཀྱི་གྲོགས་ཡིན་པ་བསྟན།

绘示:上师临圣地,加持殊胜圣处。依止亲临加持过的圣处乃获得加持悉地验证之助伴。

8(2).jpeg

ཁང་རིལ་གནས་དེར་རླུང་ཤིན་ཏུ་རྒོད་པས་རྗེ་བླ་མས་སྤྲུལ་ཨ་རིག་རིན་པོ་ཆེ་ལ་གཟིམ་ཁང་ཞིག་བཟོས་ན་ཨེ་ཆོག་ཞུས། ཉིན་གསུམ་ཙམ་ནས་འགྲུབ་ན་ཆོག དེ་ལས་མང་ན་མི་ཆོག་གསུངས། དེ་ནས་བླ་སློབ་གསུམ་ལ་འདུག་ས་ཐབས་ཆག་རེ་མཛད། སྤྲུལ་རིན་པོ་ཆེ་ནས་ང་རང་ཁྱེད་ཀྱི་དོན་དུ་ཤི་སོང་ནའང་འགྱོད་པ་མེད། ཁྱེད་ང་རང་གི་དོན་དུ་འགྱོད་པ་ཡོད་དམ་གསུངས། འདུག་དགོས་པའི་ཞལ་གསུངས་གནང་།དེ་ནས་ལྷན་དུ་བཞུགས། རྗེ་བླ་མས་སྤྲུལ་རིན་པོ་ཆེ་ལ་བདག་སྐྱེ་བ་ཕྱི་མར་ད་ལྟའི་ལུས་རྟེན་འདི་ལྟ་བུ་ལེན་ནམ་ཞུས་པར་ཁྱོད་འདི་ལས་ལྷག་པ་ཙམ་ཡོང་བ་ངས་ཁག་ཁུར་གསུངས་ནས་ལུང་བསྟན་མཛད།

康日圣处风很大,问活佛仁波切是否可以修建一间寝室,“三天能建好的话可以,超过三天就不建了”。当时简易地修建了三人住处。活佛仁波切说:“我为你的事哪怕死亡也不会后悔,你为我的事有没有后悔?”要求住下,就住在一起了。问活佛仁波切:“我来世能不能获得现今这样的人身?”“我保证来世你有较此更殊胜的人身。”如此作了授记。

ཆོས་པ་ཞིག་ཡིན་ན་བློ་སྣ་མང་པོ་ཡོད་མི་ཉན་ཞིང་རྟག་འཛིན་དང་ཕྱི་ཚེས་གྲབས་གཤོམ་མེད་པར་ལྷགས་སྐྱོབ་ཙམ་གྱིས་འཚོ་བ།  ཐ་མལ་གྱི་བྱ་བ་སྒྲུབ་པ་ནི་ལེ་ལོ་ཡིན་པས་དམ་ཆོས་སྒྲུབ་པ་ལེ་ལོའི་དབང་དུ་མ་ཤོར་བ་གཅེས།   བླ་མས་སློབ་མ་སྲོག་ལྟར་གཅེས་པ་དང་སློབ་མས་ཀྱང་བླ་མ་སྲོག་ལྟར་གཅེས་དགོས་ཚུལ། རྗེ་ཉིད་ཀྱི་སྐུ་སྐྱེ་ཕྱི་མའི་འགྲོ་དོན་འདི་བས་རྒྱས་ཚུལ་ལུང་བསྟན།

绘示:作为一名修行者,心思不能太多。未作来世之准备,仅思维养护生命而成办琐事是懒散,修持正法不能被懒惰所缚。上师视弟子需如生命般珍贵,弟子视上师也需如生命般珍贵。授记了尊者来世的利生比此生更广大。

8(3).jpeg